About Dharma Treasure Corp

ང་ཚོའི་སྐོར།

དམ་ཆོས་བང་མཛོད་ཀྱི་དྲ་ལྗོངས།

བོད་ཀྱི་རིགས་གཞུང་བདག་གཉེར་ལ་འབད་བརྩོན་ཞུ་བ།

ང་ཚོས་ནང་ཆོས་དང་བོད་པའི་རིག་གཞུང་མི་ཉམས་རྒྱུད་འཛིན་བྱེད་པར་དམིགས་ནས། དེང་དུས་འཕྲུལ་ཆས་ཡར་རྒྱས་དང་བསྡོངས་ཏེ་དོན་གཉེར་བ་རྣམས་ཀྱིས་ཀློག་འདོན་གོ་བདེ་སླ་བའི་གོམས་གཤིས་ཆེད་དུ་ང་ཚོས་སྤར་ཤིང་གི་མ་དཔེ་པར་མ་དྲྭ་རྒྱའི་ཐོག་ཏུ་འཆར་གཟུགས་ཚུར་སྣང་ལྡན་པ་བྱ་རྒྱུ་དང་། འཕྲུལ་ཆས་ཡར་རྒྱས་དང་འགྲོགས་ཏེ་བོད་ཀྱི་རྒྱལ་བའི་གསུང་རབ་དང་ཕྱག་དཔེ་སོགས་དོན་གཉེར་བ་རྣམས་ཀྱིས་འཚོལ་ཞིབ་བདེ་བ་དང་ཀློག་འདོན་དང་གསུང་རབ་སོགས་ནང་ཕན་ཚུན་བསྡུར་ནས་དཔྱད་སྤྱོད་བྱ་ཐུབ་པ། མ་འོངས་པར་འཛམ་གླིང་ཕྱོགས་གང་དུ་གནས་ཀྱང་དོན་གཉེར་བ་རྣམས་ཀྱིས་དྲྭ་ཐོག་ནས་རྒྱལ་བའི་གསུང་རབ་དང་ཕྱག་དཔེ་སོགས་ཀློག་འདོན་གནང་ཐུབ་ན། ང་ཚོས་ཆེད་གཉེར་གྱི་དགོས་དོན་བསྒྲུབ་པ་ཡིན།

ང་ཚོའི་སྐོར།

རྒྱལ་བའི་བཀའ་དང་བསྟན་འགྱུར། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ཁག་དེང་དུས་ཀྱི་ཚན་རིག་ལག་རྩལ་ཐོག་ནས་སྲུང་སྐྱོབ་དང་རྒྱུན་འཛིན།

ལྷག་པར་སྔོན་བྱོན་དམ་པ་གོང་མ་རྣམས་ཀྱི་གསུང་རབ་རྣམས་ཀུན་དགའ་ར་བའི་ནང་དུ་བཞུགས་སུ་གསོལ་བ་མ་ཡིན་པར། དེ་དག་ལ་ཐོས་བསམ་སྒོམ་གསུམ་བགྱིས་ཏེ། མི་ཉམས་རྒྱུན་འཛིན་མཛད་རྒྱུ་གནད་ཆེ་བ་མ་ཟད། དེང་གི་དུས་རབས་ཉེར་གཅིག་པ་འདི་ནི་ཆ་འཕྲིན་ཅན་གྱི་དུས་རབས་ཤིག་ཡིན། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། བསྟན་འགྱུར། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་རྣམས་དེང་དུས་ཀྱི་ཚན་རིག་ལག་རྩལ་ཐོག་ནས་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་སླད་དེང་དུས་ཀྱི་དུས་རབས་དང་མཐུན་པར་ལག་ཐོགས་ཁ་པར་དང་གློག་ཀླད་བརྒྱུད་གཟིགས་འཚོལ་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད།

 

དེང་དུས་ཀྱི་འགྱུར་འགྲོས་དང་མཐུན་པར་སྤྱི་ཚོགས་ནང་ལས་འགུལ་ཇི་བཞིན་བརྩམ་མ་ཐུབ་ཚེ་འབྱུང་འགྱུར་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཀྱི་ཁྱབ་རྒྱུན་ཚད་བཀག་ཅན་དུ་གྱུར་ཅིང་། དེས་ན་དེང་དུས་ཀྱི་སྐྱེ་བོ་རྣམས་ནང་པའི་གཞུང་ལུགས་ལ་དོན་གཉེར་གྱི་འདུན་པ་དང་སྤྲོ་བ་སོགས་རིམ་གྱིས་ཉམས་དམས་སུ་འགྱུར་ཉེན་ཆེ། དེ་ལྟར་གྱུར་ཚེ་རྒྱལ་བའི་གསུང་རབ་འདི་རྣམས་ལ་ཐོས་བསམ་དང་ཉམས་ཞིབ་སོགས་ཀྱང་རིམ་ཡལ་དུ་འགྱུར་ཉེན་ཆེ། དེས་ན་དམ་ཆོས་བང་མཛོད་ཚོགས་པའི་དམིགས་ཡུལ་ནི། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། དེ་ཉིད་ཀྱི་དགོངས་འགྲེལ་བསྟན་འགྱུར་རྣམ་གཉིས་ཀྱི་གཙོས་རིས་མེད་གྲུབ་མཐའ་ཁག་གི་ཡིག་ཆ་དང་། ཆོས་དང་མ་འབྲེལ་བའི་བོད་ཀྱི་ཐུན་མིན་སྐད་ཡིག་དང་། རིག་གཞུང་རྣམས་ཀྱང་དྲ་རྒྱའི་ལམ་ནས་སྤྱན་བསྟར་ཞུ་ཐུབ་པའི་ལས་ལ་བརྩོན་བཞིན་པ་ཡིན།

རང་རེའི་དམིགས་ཡུལ་ནི་དེང་དུས་ཀྱི་འཕྲུལ་རིག་བརྒྱུད་སྐྱེ་བོ་ཡོངས་ལ་སྲོལ་རྒྱུན་གྱི་ཡིག་ཆ་རྣམས་ལ་སློབ་སྦྱོང་དང་ཉམས་ཞིབ་ཐོག་ཡར་སྐྱེད་ཀྱི་རྣམ་པ་གང་དགེ་བསྐྲུན་ཕྱིར་ཡིན།

སློབ་གཉེར་གྱི་བསྒྲུབ་བྱ་མཐར་ཐུག

དམ་ཆོས་བང་མཛོད་ཀྱི་དམིགས་ཡུལ་ཆེན་པོ་བཞི།

བོད་ཡིག