Adarshah Support

ཀུན་གསལ་མེ་ལོང་ཞབས་ཞུ་ལྟེ་གནས།

མདོའི་མཚན་སོ་སོའི་སྒོ་ནས་འཚོལ་ཞིབ།

རྒྱལ་སྤྱིའི་འཚོལ་ཞིབ་གཞི་རྟེན་དུ་མདོ་སྡེ་སོ་སོའི་མཚན་བྱང་བརྒྱུད་འཚོལ་ཐབས།
མདོའི་གླེགས་བམ་ནང་མདོའི་མཚན་བྱང་དང་ལེའུ་རྒྱུན་མཐུད།
གལ་ཏེ་རང་རེས་རྡོ་རྗེ་གཅོད་པ་ལས་
སྡེ་དགེ་བཀའ་འགྱུར། d + 16པོད་བཅུ་དྲུག་པ། པོད་གྲངས། d16
མདོ། ཐོ་ཡིག
སྡེ་དགེ་བཀའ་འགྱུར། d
སྡེ་དགེ་བསྟན་འགྱུར། DT
འཇང་བཀའ་འགྱུར། J
རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་གསུང་འབུམ་ཕྱོགས་བསྡུས། 8KM
རྗེ་སྒམ་པོ་པའི་གསུང་འབུམ་ཕྱོགས་བསྡུས། GM
རྗེ་དགོན་རས་པའི་གསུང་འབུམ་ཕྱོགས་བསྡུས། GR
འཇམ་མགོན་ཙོང་ཁ་པ་ཆེན་པོའི་གསུང་འབུམ་ཕྱོགས་བསྡུས། JTs
འཇམ་མགོན་མི་ཕམ་གྱི་གསུང་འབུམ་ཕྱོགས་བསྡུས། MP

འཚོལ་ཞིབ་སྐབས་ཡིད་ངེས་དགོས་པ་ཁག

གལ་ཏེ་ཁྱེད་ནས་ ༼“ཀ་ལིང་ཀའི་རྒྱལ་པོ”༽ཞེས་པ་མནན་ཚེ། ཁྱེད་ནས་རྒྱལ་པོ་དེ་ཉིད་ཀྱི་མཛད་ཕྲིན་རྣམས་རྙེད་མི་ཐུབ། “ཀ་ལིང་ཀའི་རྒྱལ་པོས”
དེ་ཉིད་ཀྱི་རྒྱུ་མཚན་ཅི་ཡིན་ཞེ་ན། པོ་ཞེས་པའི་འབྲེལ་སྒྲའི་ཚིག་གིས་འོས་འཚམས་ཀྱི་སྐྱེ་བོ་དེ་ཉིད་ཀྱི་ཁྱད་རྣམ་སྟོན་པའི་རང་བཞིན་མཚོན་མི་ཐུབ་ཅིང་། བྱེད་སྒྲ་འགོད་ཚེ་སྐྱེ་བོ་དེ་ཉིད་ཀྱི་བྱེད་ལས་རྣམས་གསལ་བར་མཚོན་ཐུབ་པ་ཡིན།

ལེའུ་འམ་བམ་པོའི་སྒོ་ནས་འཚོལ་ཞིབ།

གལ་ཏེ་ཁྱེད་ནས་གསུང་རབ་ཕྱོགས་བསྡེབས་རྣམས་ཞེང་ཆུང་བའི་ཚད་གཞི་ནང་འཚོལ་ཞིབ་སྐབས། ཁྱེད་ནས་འོས་འཚམས་ཀྱི་གནས་སྟངས་འོག་འདེམས་སྒྲུག་གིས་བརྗོད་བྱའི་སྡེ་ཚན། ཆོས་བརྒྱུད། དུས་རབས། སྡེ་ཚན་རྣམས། འཚོལ་ཞིབ་མནན་རྟགས་བརྒྱུད་འོས་འཚམས་ཀྱི་མདོའི་མཚན་དང་། བསྒྱུར་བ་པོ། མཛད་པ་པོ། བསྐྱར་ཞིབ་པ་རྣམས་ཀྱི་བརྒྱུད་ནས་ཀྱང་འཚོལ་ཐུབ།
དཔེ་མཚོན་དུ་གལ་ཏེ་སྡེ་དགེ་བཀའ་འགྱུར་ནང་རྡོ་རྗེ་གཅོད་པ་ཞེས་པ་ཞིག་འཚོལ་དགོས་འབྱུང་ཚེ།
  • བརྗོད་བྱའི་སྡེ་ཚན་ཐོག་གནོན།
  • སྡེ་དགེ་བཀའ་འགྱུར་ཞེས་པའི་སྟེང་གནོན།
  • རྡོ་རྗེ་གཅོད་པ་འཚོལ་ཞིབ་སླད་དེ་ཉིད་ཀྱི་མཚན་འགོད།
  • འཚོལ་འབྲས་སོ་སོའི་སྟེང་མནན་རྗེས་མདོ་གཞུང་རྣམས་རིམ་གྱིས་ཀློག་ཐུབ་པ་ཡིན།
ཁྱེད་ནས་སྐད་ཡིག་གཞན་གྱི་སྒོ་ནས་ཀྱང་འཚོལ་ཞིབ་ཐུབ།
  • བརྗོད་བྱའི་སྡེ་ཚན་ཐོག་གནོན།
  • བརྗོད་བྱའི་སྡེ་ཚན་ནང་སྡེ་དགེ་བཀའ་འགྱུར་འདེམས་ཤིག
  • འཚོལ་ཞིབ་སྒྲོམ་བུའི་ནང་རྡོ་རྗེ་གཅོད་པ་ཞེས་འགོད་དེ་འཚོལ།
  • འཚོལ་འབྲས་སོ་སོའི་སྟེང་མནན་རྗེས་མདོ་གཞུང་རྣམས་རིམ་གྱིས་ཀློག་ཐུབ་པ་ཡིན།

ལག་ཐོགས་ཁ་པར་གྱི་ཐབས་ལམ་བརྒྱུད་སྐད་རིགས་ཀྱི་འདེམས་ཀ

  • དྲ་རྒྱའི་གཡས་ཕྱོགས་སུ་ཡོད་པའི་འཚོལ་ཐོའི་རྟགས་སྟེང་གནོན།
  • འཚོལ་འབྲས་དེ་ཉིད་འཆར་ངོས་སྟེང་ཤར་རྗེས་གཤམ་དུ་གདམ་ང་རྣམས་ཚུལ་བཞིན་རིག་ཐུབ།
  • དྲ་རྒྱའི་སྐད་ཡིག་འདེམས་ཀའི་སྡེ་ཚན་ནང་མནན་ཏེ་སྐད་ཡིག་གཞན་དུ་བསྒྱུར་ཐུབ།

གསུང་རབ་ཕབ་ལེན།

གློག་ཀླད་དྲ་རྒྱའི་ནང་མདོ་གཞུང་རྣམས་ཕབ་ལེན་བགྱིས་མཇུག་དྲ་རྒྱ་དང་དམིགས་བསལ་འབྲེལ་བ་མེད་པའི་སྐབས་སུའང་བདེ་བླག་ཏུ་ཀློག་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད།
གོམ་རིམ་འདི་དག་གི་རྗེས་སུ་སྙེགས་ཤིག
  • གསུང་རབ་ཀྱི་དཀར་ཆག་ཤོག་ངོའི་ནང་སྐྱོད་ཅིག
  • དྲ་རྒྱའི་གཡས་ཟུར་སྟེང་དུ་ཡོད་པའི་ཕབ་ལེན་མཐེབ་གནོན་སྟེང་གནོན།
  • གསུང་རབ་དང་ལེའུ་ཕབ་ལེན་ཕྱིར་འདེམས།
  • ཁྱེད་རང་གི་གློག་ཀླད་ནང་ཕབ་ལེན་གྲུབ་རྗེས། ཉར་ཚགས་གང་ལེགས་མཛོད། zip ཀྱི་ཡིག་ཆ་དེ་ཉིད་ unzip གྱིས།
[1] Chrome: འདིར་ནོན། Safari: འདིར་ནོན། [2] Windows:་ཙི་འཚིར་གནོན་གཡས་པས་ཕབ་ལེན་བྱས་པའི་མ་དཔེའི་དཔེ་སྒྲོམ་མ་མནན་ནས། མ་དཔེ་འདེམས་དགོས། དེ་རྗེས་ལམ་སྟོན་ལ་གཟིགས་ཆོག Mac:ཐད་ཀར་ཡིག་སྒྲོམ་ལ་འཚིར་གནོན་ཐེངས་གཉིས་གནང་དགོས།

 

མཚན་སོ་སོའི་སྒོ་ནས་འཚོལ་ཞིབ།

གལ་ཏེ་ཁྱེད་ཉིད་ནས་ ༼“འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།”༽ འཚོལ་བར་འདོད་ཚེ། དགོས་མཁོ་ཅི་ཞིག་བསྒྲུབ་དགོས་ཞེ་ན།

  • ཨ་དརྴ་མདུན་ངོས་སུ་འཁོད་པའི་འཚོལ་ཞིབ་སྒྲོམ་བུའི་ནང་དུ་མདོའི་མཚན་ ༼“རྡོ་རྗེ་གཅོད་པ”༽ ཞེས་འགོད་དེ་འཚོལ་དགོས།
  • འཚོལ་ཞིབ་རྟགས་སུ་གནོན།
  • མ་ལག་གིས་འཚོལ་འབྲས་ཤར་ཚེ། རང་ཉིད་ཀྱིས་གང་ཞིག་ཀློག་པར་འདོད་པའི་གླེགས་བམ་དེ་ཉིད་འདེམས་ཤིག

འཚོལ་ཞིབ་སྐབས་བོད་ཡིག་ཐོག་འཁོད་པའི་མདོའི་མཚན་བྱང་ཙམ་མ་ཡིན་པར། རྒྱ་ཡིག་གི་མཚན་བྱང་ཐོག་ནས་ཀྱང་མདོ་དེ་ཉིད་འཚོལ་ཐུབ།

  • ཨ་དརྴ་མདུན་ངོས་སུ་འཁོད་པའི་འཚོལ་ཞིབ་སྒྲོམ་བུའི་ནང་དུ་མདོའི་མཚན་ ༼“金剛般若” ༽ རྒྱ་ཡིག་ཐོག་འགོད་དེ་འཚོལ་བཏུབ།
  • འཚོལ་ཞིབ་རྟགས་སུ་གནོན།
  • མ་ལག་གིས་འཚོལ་འབྲས་ཤར་ཚེ། རང་ཉིད་ཀྱིས་གང་ཞིག་ཀློག་པར་འདོད་པའི་གླེགས་བམ་དེ་ཉིད་འདེམས་ཤིག

གསུང་རབ་རྣམས་ལག་ཐོགས་ཁ་པར་གྱི་ཐབས་ལམ་བརྒྱུད་འཚོལ་ཞིབ་དང་། སྒྲིག་སྦྱོར།

  • དྲ་རྒྱའི་གཡས་ཕྱོགས་སུ་ཡོད་པའི་འཚོལ་ཐོའི་སྟེང་གནོན།
  • འཚོལ་ཞིབ་འདེམས་ཀའི་ཐོག་ཏུ་གནོན།
  • གནད་ཚིག་བྲིས་ནས་བཤེར་འཚོར་བྱེད་པ། གལ་སྲིད་འཚོལ་བའི་ཁྱབ་ཁོངས་ཆུང་དུ་གཏོང་མ་དགོས་ན། གམ་པ་བཞི་པ་དང་ལྔ་པ་གཉིས་མ་བྲིས་ཀྱང་འགྲིག
  • དཔེ་རྟགས་ལ་མནན་ན། འཕྲལ་དུ་དྲྭ་ངོས་སུ་འཇུག་ཐུབ།
  • ལོ་གྲངས་དང་སྡེ་ཚན། གྲུབ་མཐའ། བཀའ་འབུམ་སོགས་བདམས་ནས་བཤེར་བ།
  • འཚོལ་ཞིབ་རྟགས་སུ་གནོན།
  • འཚོལ་འབྲས་སོ་སོའི་སྟེང་མནན་རྗེས་མདོ་གཞུང་རྣམས་རིམ་གྱིས་ཀློག་ཐུབ་པ་ཡིན།
གཤམ་གྱི་དཔེ་མཚོན་འདི་གལ་སྲིད་སྡེ་དགེ་པར་མའི་རྡོ་རྗེ་བཅོད་པ་གཞི་བཟུང་ནས་འཚོལ་འདོད་ཚེ།
  • འཚོལ་ཐོའི་སྟེང་གནོན།
  • འཚོལ་ཞིབ་འདེམས་ཀའི་ཐོག་ཏུ་གནོན།
  • འཚོལ་བཤེར་རེའུ་མིག་ཏུ། རྡོ་རྗེ་གཅོད་པའི་མཚན་བྱང་འབྲི་དགོས། རྒྱ་བོད་གང་བྲིས་ཀྱང་འགྲིག
  • ཡིག་རྟགས་གདམ་ཁ། དཔེ་ཚོགས་གདམ་ཁ།
  • སྡེ་དགེ་བཀའ་འགྱུར་ཞེས་པའི་སྟེང་གནོན།
  • འཚོལ་ཞིབ་རྟགས་སུ་གནོན།
  • འཚོལ་འབྲས་སོ་སོའི་སྟེང་མནན་རྗེས་མདོ་གཞུང་རྣམས་རིམ་གྱིས་ཀློག་ཐུབ་པ་ཡིན།
བོད་ཡིག