Kangyur བཀའ་འགྱུར། སངས་རྒྱས་ཀྱི་བཀའ་ཡི་དགོངས་པ་ཕྱོགས་བསྡུས། འདིར་འཇང་བཀའ་འགྱུར་དང་། སྡེ་དགེ་བཀའ་འགྱུར། ལྷ་ས་བཀའ་འགྱུར་བཅས་ཡོད། འཇང་བཀའ་འགྱུར། འཇང་བཀའ་འགྱུར་ནི་བོད་ཡུལ་དུ་བཀའ་འགྱུར་ཤིང་པར་དུ་བཞེངས་པའི་ཐོག་མ་ཡིན། འཇང་རྒྱལ་པོ་དང་རིག་གཞུང་འབྲེལ་བའི་རིན་ཐང་ཅན་ཡིན། འཚོལ། སྡེ་དགེ་བཀའ་འགྱུར། པར་གཞི་འདི་ནོར་སྐྱོན་ཉུང་བ་མ་ཚད། སྒྲིག་པའི་གོ་རིམ་ཡང་མ་འཁྲུལ་བ། བཀའ་འགྱུར་མཆོག་ཏུ་འགྱུར་བ་ཡིན། འཚོལ། ལྷ་ས་བཀའ་འགྱུར། ཏཱ་བླའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་བཀའ་དགོངས་ལྟར། པར་གཞི་འདི་སྡེ་དགེ་བཀའ་འགྱུར་གཞི་བཟུང་ནས། ཡོས་ལོ་༡༩༣༤ལ་ཕོ་བྲང་པོ་ཏ་ལ་ནས་དཔར་དུ་བསྒྲུབས་ཡོད། འཚོལ། ཆན་ཀློང་བཀའ་འགྱུར། འཚོལ། གོང་གི་ཤོག་གྲངས། རྒྱབ་ལྗོངས། བཀའ་འགྱུར་ངོ་སྤྲོད་མདོར་བསྡུས། སངས་རྒྱས་ཀྱི་བཀའ་བོད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་གླེགས་བམ་དུ་སྒྲིག་པ། ཀུན་གསལ་མེ་ལོང་ཏུ་ཉར་ཚགས་མཛད་པའི་བཀའ་འགྱུར་དང་། བསྟན་འགྱུར་གྱི་བསྐྱར་པར། ༄༅། །སངས་རྒྱས་ཀྱིས་གསུངས་པའི་བཀའ་སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞི་བོད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་གླེགས་བམ་བརྒྱ་དང་བཞིའམ་བརྒྱད་ཡོད་དོ། །གང་ལ་ཚུལ་བཞིན་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་གཉེན་པོ་རྣམ་དཀར་ཕྱོགས་སུ་གྱུར་པའི་ཡོན་ཏན་ཞིག་སྟེ་ཚད་ལྡན་གྱི་བཀའ་འགྱུར་རོ། ། འཇང་བཀའ་འགྱུར།རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དགུ་པས་དབུ་འཁྲིད་འོག འཇང་བཀའ་འགྱུར་དཔར་དུ་བསྒྲུབས་ཏེ། དུས་ཡུན་ལོ་ངོ་བཅུ་གསུམ་རྗེས་སུ་ལེགས་གྲུབ་བྱུང་ཡོད།ཕྱི་ལོ་ ༡༦༠༨ ལོར་ལི་ཐང་གི་གཙོ་སྐྱོང་ཀརྨ་མི་ཕམ་ཚེ་དབང་མཆོག་ནས་དཔལ་༸རྒྱལ་དབང་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེའི་བཀའ་དགོངས་ལམ་སྟོན་ལྟར། ལོ་དེའི་བོད་ཟླ་བཞི་པའི་ཚེས་ ༨ ཉིན་བཀའ་འགྱུར་སྤར་བརྐོའི་ལས་གཞི་དབུ་ཚུགས། དེ་སྐབས་ཞུ་ཆེན་པ་གཙོ་བོ་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་མཆོག་དང་། སི་ཏུ་སྐུ་ཕྲེང་ལྔ་པ་ཆོས་ཀྱི་རྒྱལ་མཚན་རྣམ་གཉིས་ནས་གཟིགས་པ་བླ་མེད་མཛད། ལས་གཞི་འདི་ཉིད་ལ་ལོ་ཡུན་བཅུ་གསུམ་རིང་ཐོགས་ཤིང་། ཕྱི་ལོ་ ༡༦༢༡ ལོར་འཇུག་ལེགས་པར་གྲུབ།འཇང་བཀའ་འགྱུར་ལ་དཀར་ཆག་གི་རེའུ་མིག་འཐེ་བའི་ཡོངས་བསྡོམས་པོད་གྲངས་ ༡༡༠ བཞུགས། འཇང་བཀའ་འགྱུར་འདི་ཉིད་ཡུན་ནན་དང་བོད་གཉིས་དབར་ཁྱད་དུ་འཕགས་པའི་རིན་ཐང་ཅན་གྱི་རིག་གཞུང་སྣ་ཚོགས་ཕན་ཚུན་བརྗེ་རེས་མཚོན་པའི་དཔང་རྟགས་གལ་ཆེ་ཞིག་ཡིན། ཡུན་ནན་གྱི་ས་སྐྱོང་མིང་ཏིང་མཆོག་ནས་འགྲོ་གྲོན་གྱི་མཐུན་འགྱུར་གྱི་བླ་མེད་ཀྱི་གཟིགས་སྐྱོང་འོག་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་མཆོག་ནས་འཇང་བཀའ་འགྱུར་འདི་ཉིད་ཀྱི་ཞུ་དག་དང་ཕྱོགས་སྒྲིག་དང་སྤར་སྐྲུན་གྱི་ཐུགས་འགན་བླ་མེད་བཞེས། ལས་དོན་འདི་ཉིད་ཚལ་པ་བཀའ་འགྱུར་གྱི་པར་མར་གཞི་བཅོལ། དུས་ཡུན་ལོ་ངོ་གསུམ་རིང་ཐོགས་ཏེ་ཕྱི་ལོ་ ༡༦༣༣ ལོར་ལེགས་པར་གྲུབ། གྲུབ་མཚམས་པར་ཕུད་དང་པོ་དེ་ཉིད་ལྷ་སའི་ཇོ་ཁང་དུ་ཕུལ། འདི་ཉིད་བོད་དུ་ཤིང་པར་ཐོག་བཀོད་པའི་པར་མ་དང་པོ་ཡིན། གླེང་བརྗོད་ནང་མཚོན་གསལ་ལྟར་ཡིན་ཙང་སང་ཡན་ཏུ་ཝང་ངམ་ས་སྐྱོང་ཀརྨ་མི་ཕམ་བསོད་ནམས་རབ་བརྟན་གྱིས་བདག་རྐྱེན་བླ་མེད་མཛད་པའི་ཉེར་ལེན་ལ་བརྟེན་ནས་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་རྟེན་དུ་འཇང་གི་བཀའ་འགྱུར་འདི་ཉིད་ཀྱི་ཤིང་པར་སྩལ་བ་དང་། རྗེ་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་ཞུ་དག་མཛད་པའི་མཛད་རྗེས་ལ་བརྟེན་ནས་རྒྱལ་བསྟན་གྱི་སྣང་བ་ཕྱོགས་ཀུན་ཏུ་འཕྲོ་བ་དང་། རྫོགས་བྱང་གི་རྒྱུར་འགྱུར་བའི་ཕྱིར། དུས་རབས་བཅུ་བདུན་པའི་ཤིང་སྟག་གི་ལོར་གྲུབ་པའོ། ། འཇང་བཀའ་འགྱུར་གྱི་གོ་རིམ་གཤམ་གསལ་ལྟར།འདུལ་བ་པོད། ༡༣ཤེར་ཕྱིན་པོད། ༢༦མདོ་སྡེ་པོད། ༣༢ཕལ་པོ་ཆེ་པོད། ༦དཀོན་བརྩེགས་པོད། ༦རྒྱུད་འབུམ་པོད། ༢༤དྲི་མེད་འོད་པོད། ༡དཀར་ཆག་དང་པར་བྱང་པོད། ༡སྡེ་དགེ་བཀའ་འགྱུར། རབ་བྱུང་བཅུ་གཉིས་པའི་ས་བྱ་ལོ་སྟེ་ཕྱི་ལོ ༡༧༢༩ ལོར་སྡེ་དགེ་ཆོས་རྒྱལ་ཞེ་གཉིས་པ་བསྟན་པ་ཚེ་རིང་མཆོག་སྡེ་དགེ་བཀའ་འགྱུར་གྱི་འཆར་འགོད་མཛད་རིམ་གཟིགས་སྐྱོང་གི་བདག་རྐྱེན་བླ་ན་མེད་པའི་ཐུགས་ཁུར་ཚུལ་བཞིན་མཛད་པའི་ལས་རིམ་ནང་༸སྐྱབས་མགོན་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་མཆོག་གིས་སྡེ་དགེ་བཀའ་འགྱུར་དེ་ཉིད་ཀྱི་ཞུ་ཆེན་པའི་མཛད་ཁུར་བླ་མེད་མཛད་པས་རྗེས་འཇུག་སློབ་འབངས་རྣམས་ལ་བཀའ་དྲིན་ཟླ་མེད་དུ་བསྐྱངས། འདི་ཉིད་ལི་ཐང་བཀའ་འགྱུར་ལ་གཙོ་བོར་གཞི་བཅོལ་ཞིང་ལོ་ཡུན་ལྔའི་རིང་མཛད་འཕྲིན་བར་མེད་དུ་ཐུགས་འཁུར་བསྐྱངས་རྗེས་ཕྱི་ལོ་ ༡༧༣༣ ལོར་མཇུག་ལེགས་པར་གྲུབ། སྡེ་དགེ་འཀའ་འགྱུར་འདི་ཉིད་ལ་པོད་གྲངས་བརྒྱ་དང་གསུམ་དུ་བཞུགས་ཤིང་། འདི་ཉིད་ལ་སྡེབ་ནོར་སོགས་ཀྱི་འཁྲུལ་པ་དང་བྲལ་བས་རིས་མེད་གྲུབ་མཐའ་ཀུན་གྱིས་མ་དཔེ་འདི་ཉིད་ཚད་ཐུབ་ཏུ་ངོས་འཛིན་མཛད་བཞིན་པ་ཡིན།སྡེ་དགེ་བཀའ་འགྱུར་གྱི་གོ་རིམ་གཤམ་གསལ་ལྟར།འདུལ་བ་པོད། ༡༣ཤེར་ཕྱིན་པོད། ༢༡ཕལ་པོ་ཆེ་པོད། ༤དཀོན་བརྩེགས་པོད། ༦མདོ་སྡེ་པོད། ༣༢རྒྱུད་འབུམ་པོད། ༢༠རྙིང་རྒྱུད་པོད། ༣དྲི་མེད་འོད་པོད། ༡གཟུངས་བསྡུས་པོད། ༢དཀར་ཆག་དང་པར་བྱང་པོད། ༡ལྷ་ས་བཀའ་འགྱུར། བོད་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༩༢༠ ལོར་༸གོང་ས་༸རྒྱལ་དབང་བཅུ་གསུམ་པ་མཆོག་ལ། སྒོ་ལྕོག་སྤྲུལ་སྐུ་ངེས་དོན་བསྟན་འཛིན་ཆོས་ཀྱི་དབང་པོ་ནས་གསོལ་བ་བཏབ་པ་ལྟར་སྣར་ཐང་པར་མ་དང་རྒྱལ་རྩེའི་ཐེམ་སྤང་མ། སྡེ་དགེའི་བཀའ་འགྱུར་མ་དཔེ་ཁུངས་ཐུབ་རྣམས་གཞིར་བཟུང་ནས་ལྷ་ལྡན་དུ་པར་དུ་བཞེངས་པའི་དབུ་བརྩམས་པ་ཕྱིས་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་རྒྱལ་བའི་གཅུང་སྲིད་བློན་ཀུན་དགའ་དབང་ཕྱུག་རྣམ་གཉིས་ཀྱིས་འཕྲོ་སྐྱོང་མཛད་པར་བརྟེན་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་སྤྱི་ལོ་ ༡༩༣༤ ལོར་བཀའ་འགྱུར་པོད་གྲངས་ ༡༠༠ པར་གཞི་ཆ་ཚང་བཞེངས་ཏེ་ལེགས་པར་གྲུབ་པ་ཕོ་བྲང་པོ་ཏ་ལའི་འདབས་ཞོལ་གངས་ཅན་ཕན་བདེའི་གཏེར་མཛོད་གླིང་དུ་བཞུགས་པ་ལ་ཞོལ་ལམ་ཡོངས་གྲགས་སུ་ལྷ་ས་བཀའ་འགྱུར་ཞེས་ཟེར་རོ།། དེ་ཡང་པར་གཞི་འདི་ལ་མཚན་ཞབས་སྟག་བྲག་སྤྲུལ་སྐུ་ངག་དབང་གསུང་རབ་མཐུ་ཐོབ་བསྟན་པའི་རྒྱལ་མཚན་དང་མཚན་ཞབས་ཚ་སྤྲུལ་ངག་དབང་བློ་བཟང་སོགས་མཁས་དབང་དུ་མས་ཞུས་དག་ལེགས་པར་མཛད་ཅིང་། ད་དུང་མཚན་ཞབས་པ་རྣམ་གཉིས་ཀྱིས་འདིའི་དཀར་ཆག །བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་བཀའ་གངས་ཅན་འདིར་འགྱུར་རོ་ཅོག་གི་གསུང་པར་འཛམ་གླིང་སྤྱི་ནོར་གྱི་དཀར་ཆག་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ཅེས་པའང་མཛད་དོ། །ལྷ་ས་བཀའ་འགྱུར་གྱི་གོ་རིམ་གཤམ་གསལ་ལྟར།བཀའ་འགྱུར་འདིའི་གོ་རིམ་ནི།དང་པོ་འདུལ་བའི་སྐོར་ལ། པོད་བཅུ་གསུམ། ༼ཀ - པ༽ (༡-༡༣)བཀའ་བར་པ་མཚན་ཉིད་མེད་པ་ཤེས་ཕྱིན་འབུམ་སྐོར་ལ། པོད་བཅུ་དྲུག ། ༼ཀ - ན༽ (༡༤-༢༥).བཀའ་བར་པ་མཚན་ཉིད་མེད་པ་ཤེས་ཕྱིན་སྟོང་ཕྲག་ཉི་ཁྲིའི་སྐོར་ལ། པོད་གསུམ། ༼ཀ - ག༽ (༢༦-༢༨).བཀའ་བར་པ་མཚན་ཉིད་མེད་པ་ཤེས་ཕྱིན་བརྒྱད་སྟོང་པའི་སྐོར་ལ། པོད་གཅིག ། ༼ཨ༽ (༢༩).བཀའ་བར་པ་མཚན་ཉིད་མེད་པ་ཤེས་ཕྱིན་ཁྲི་བརྒྱད་སྟོང་པའི་སྐོར་ལ། པོད་གསུམ། ༼ཀ-ག༽ (༣༠-༣༢).བཀའ་བར་པ་མཚན་ཉིད་མེད་པ་ཤེས་ཕྱིན་ཁྲི་པའི་སྐོར་ལ། པོད་གཅིག ། ༼ཀ ༽ (༣༣).བཀའ་བར་པ་མཚན་ཉིད་མེད་པ་ཤེས་ཕྱིན་ཤེས་རབ་སྣ་ཚོགས་སྐོར་ལ། པོད་གཅིག ། ༼ཀ ༽ (༣༤).བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དཀོན་བརྩེགས་སྐོར། པོད་དྲུག ། ༼ཀ - ཚ༽ (༣༥-༤༠)བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཕལ་ཆེན་སྐོར་ལ། པོད་དྲུག ། ༼ཀ - ཚ༽ (༤༡-༤༦).མདོ་སྡེའི་སྐོར་ལ། པོད་སོ་གཉིས། ༼ཀ - ཨ༽ མྱང་འདས། ༼ཀ - ཁ༽ (༤༧-༧༨).རྒྱུད་ཀྱི་སྐོར་ལ། པོད་ཉེར་གཅིག ། ༼ཀ - ཞ༽ (༧༩-༩༩)དཀར་ཆག །པོད་གཅིག་བཅས་བཞུགས་སོ། ། (༡༠༠)