Yungdrung Bon

གཡུང་དྲུང་བོན།

བོད་གདོན་མའི་ཆོས་ལུགས་བོན་པོའི་སྲོལ་རྒྱུན་ནི་གླེང་གཞི་གཙོ་འཛིན་མཛད་པའི་ཆོས་ལུགས་ཤིག་ཡིན།

རྒྱབ་ལྗོངས།

བོན་པོའི་རྒྱུད་རིམ་ངོ་སྤྲོད་མདོར་བསྡུས།

རྣམ་འདྲེན་བརྒྱད་པ་རྒྱལ་བ་སྟོན་པ་གཤེན་རབ་མི་བོ་ཆེས་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་བོན་བསྟན་པ་ཡིན།

བོན་གྱི་ལོ་རྒྱུས།

༄༅། །གཡུང་དྲུང་བོན་གྱི་བསྟན་པ་མདོར་བསྡུས་ཙམ་ནི། རྣམ་འདྲེན་བརྒྱད་པ་རྒྱལ་བ་སྟོན་པ་གཤེན་རབ་མི་བོ་ཆེས་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་བོན་བསྟན། ཆོས་ཕུང་སྒོ་བཞི་མཛོད་ལྔ་དང༌། ལུང་ཐེག་པ་རིམ་པ་དགུ་སོགས་འཁོར་རྣམས་ལ་རང་རང་གི་བློ་ཚད་དང་མཐུན་པའི་བོན་འཁོར་རིམ་པ་གསུམ་སོགས་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གཏན་ལ་ཕབ་ནས་གསུངས་པའོ། །དེ་ནས་གཤེན་རབ་མི་བོ་ཆེ་འདས་རྗེས་ལོ་ཙ་བ་འཛམ་གླིང་མཁས་པའི་རྒྱན་དྲུག་བྱུང་ཞིང་བོན་རྣམས་རང་རང་གི་ཡུལ་དུ་དྲངས་ཏེ་སོ་སོའི་རང་སྐད་དུ་བསྒྱུར་ནས་དར་བར་མཛད་དོ། །གདུང་འཚོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་སོགས་གཙོ་འཁོར་བཅུ་གསུམ་གྱིས་རྒྱལ་བའི་བཀའ་རྣམས་མདོ་སྡེ་དང༌། འབུམ་སྡེ༑ རྒྱུད་སྡེ༑ མཛོད་སྡེ་བཅས་བཞི་རུ་ཕྱེས་ནས་དེ་དག་སོ་སོ་ལ་དོན་གྱི་དགོངས་འགྲེལ་བཀའ་བརྟེན་བརྩམས་ཤིང༌།

དམུ་གཤེན་སྣང་བ་མདོག་ཅན་བོད་དུ་བྱོན་ནས་གསང་བ་སྔགས་ཀྱི་བསྟན་པ་བོད་དུ་སྤེལ་བར་བཤད། སྨད་ཀྱི་མཁས་པ་མི་བཞིས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ས་གནས་སུ་གཡུང་དྲུང་གི་བོན་ཞང་ཞུང་སྨར་གྱི་སྐད་ལས་སྤུ་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་ཏེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོད་གངས་ཅན་གྱི་ཞིང་དུ་དར་བར་མཛད། དེ་བཞིན་དུ་ཕུང་པོ་ལྷག་མེད་དུ་གཤེགས་པའི་འཇའ་ལུས་འཕོ་ཆེན་ཉེར་བཞི། རིག་འཛིན་གྲུབ་ཆེན་བརྒྱད་ཅུ། གཞན་ཡང་རྫུ་འཕྲུལ་གྱི་རྩལ་དང་ལྡན་པའི་མཐུ་བོ་ཆེ་མི་དགུ་སོགས་བྱུང་ཞིང༌། འདུ་གནས་སུམ་ཅུ་རྩ་བདུན་སོགས་བོན་གྱི་འདུས་སྡེ་གྲངས་མང་འཕེལ་བར་མཛད། 

བོན་གཤེན་རྣམས་ཀྱིས་ཕྱིས་སུ་དར་ཞིང་རྒྱས་པའི་སྐབས་ཡོང་བར་གཟིགས་ནས་ཟབ་གཏེར་ཕྱོགས་གང་སར་སྦས་པ། ཕྱིས་སུ་གཏེར་སྟོན་རྣམས་ཀྱིས་གཏེར་དྲངས་པ་དང༌། ཁྱད་པར་དུ་གཏེར་སྟོན་བརྒྱ་རྩའི་གཙོ་བོས་རིམ་བཞིན་ཟབ་གཏེར་བཞེས་པ་ནས་བོན་བསྟན་ཕྱི་དར་གྱི་དབུ་ཚུགས་པའི་གྲགས་སྙན་རྒྱ་ཆེར་ཁྱབ་ཅིང༌། དེ་དག་གི་རྒྱུད་འཛིན་གདུང་རྒྱུད་ཀྱིས་བོད་ཡུལ་སྟོད་སྨད་དང་། ཁྱད་པར་དུ་བྲུ་ཆེན་ནམ་མཁའ་གཡུང་དྲུང་ནས་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་བར་གཡས་རུའི་སྟོན་པ་བཅོ་བརྒྱད་དུ་གྲགས་པ་ཀུན་གྱིས་འཆད་རྩོད་རྩོམ་གསུམ་གྱི་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་བཞིན་པ་ལགས་སོ།། །།


བོད་ཡིག