Home ཡིག་རྙིང་གསར་གཏོད་མེ་ལོང་། ང་ཚོའི་དམིགས་ཡུལ་ནི་བཀའ་འགྱུར་དང་བསྟན་འགྱུར། བླ་མའི་གསུང་འབུམ་ཐམས་ཅད་གློག་ཡིག་ཏུ་སྒྱུར་རྒྱུ་དེ་ཡིན། མ་ཚད། སྟབས་བདེའི་བཤེར་འཚོལ་མ་ལག་གི་ལམ་ནས་བེད་སྤྱོད་མཁན་ཚོར་ཆ་རྐྱེན་བསྐྲུན་ཡོད། ཀུན་གསལ་མེ་ལོང་། ཨ་དར་ཤའི་འཚོལ་ཞིབ། ཨ་དརྴའམ་ཀུན་གསལ་མེ་ལོང་གི་སྡེ་ཚན་ལ་དབྱེ་ན། བཀའ་འགྱུར། བསྟན་འགྱུར། གསུང་འབུམ་ཁག། གཡུང་དྲུང་བོན་བཅས་སྡེ་ཚན་ཆེན་པོ་བཞི་ཡོད་ཅིང་། དེ་དག་ལས་གང་རུང་ཞིག་འདེམས་ཏེ་འཚོལ་བཤེར་གནང་ཆོག བཀའ་འགྱུར། སངས་རྒྱས་ཀྱི་བཀའ་མ་ལུས་ཕྱོགས་གཅིག་ཏུ་བསྡུས་པ་སྟེ། འདིར་འཇང་བཀའ་འགྱུར་དང་། སྡེ་དགེ་བཀའ་འགྱུར། ལྷ་ས་བཀའ་འགྱུར་བཅས་པར་མ་ཁག་གསུམ་བཞུགས། ངོ་སྤྲོད་རྒྱས་པ། བསྟན་འགྱུར། སངས་རྒྱས་ཀྱི་བཀའ་ཡི་དགོངས་འགྲེལ་ཕྱོགས་བསྡུས། སྡེ་དགེ་བསྟན་འགྱུར་ནང་ཁྱོན་བསྡོམས་པོད་གྲངས། ༢༡༣ ཉིས་བརྒྱ་བཅུ་གསུམ་བཞུགས། ངོ་སྤྲོད་རྒྱས་པ། གསུང་འབུམ། བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་རྩོམ་ཕྱོགས་བསྡུས། ངོ་སྤྲོད་རྒྱས་པ། གཡུང་དྲུང་བོན། བོན་ལུགས་ཐུན་མིན་གྱི་ཡིག་ཆ་ཕྱོགས་བསྡུས། ངོ་སྤྲོད་རྒྱས་པ། Search ད་དུང་བཙལ་རྒྱུ་མགོ་བརྩམས་མེད་དམ། མུ་ཐུད་དེ་ལོ་རྒྱུས་རྒྱབ་ལྗོངས་སམ་ ཀུན་གསལ་མེ་ལོང་གི་གནད་དོན། ཡང་ན། ཀུན་གསལ་མེ་ལོང་གི་མ་ལག གི་བེད་སྤྱོད་གནང་སྟངས། མ་ཡིག་གཞི་བཞག ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ཆོས་ནི་བདག་གིས་ཐོབ་པར་གྱུར། ། བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །མི་སྨྲར་ནགས་འདབས་གནས་པར་བྱ་བ་སྙམ། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ༈ དགེ་སློང་དག་དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན། དགེ་སློང་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དང་། ནང་དང་ཕྱིའི་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་པ་དང་། ནང་དང་ཕྱིའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དང་། ནང་དང་ཕྱིའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་སྟེ། དགེ་སློང་དག་འདི་དག་ནི་དྲན་པ་ཉེ་བར་གཞག་པ་བཞིའོ། ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། ། རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། ། འདུལ་བ་རྣམ་པར་འབྱེད་པ།